ལས་བྱེད་ས་མིག་གསལ་བསྒྲགས།

ལས་གནས།    བོད་ཡིག་ཉམས་ཞིབ།

གཞི་རྩའི་ཆ་རྐྱེན།  མ་མཐར་ཡང་གཙུག་ལག་སློབ་དཔོན་ཐོན་ཟིན་པའམ་དེ་དང་ཚད་མཉམ་གྱི་ཚད་གཞི་ཡོད་དགོས།

འཚང་སྙན་འབུལ་དུས།  ཕྱི་ལོ་  ༢༠༡༤ ཟླ་ ༡༢ ཚེས་ ༢༠ བར།

རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་བོད་ཡིག་ཐོག་གི་ཉམས་ཞིབ་པ་ཞིག་དགོས་ཀྱི་ཡོད། ལས་འགན་གཙོ་བོ་ནི་འདི་གའི་ཉམས་ཞིབ་ཚན་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་རྟོག་ཞིབ་དང།  ཡིག་ཆ་བཟོ་བ།  ཉམས་ཞིབ་བྱེད་པ་བཅས་ཡིན།  འདི་ག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བོད་ཕྱི་ནང་གཉིས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཚོའི་ནུས་པ་གོང་མཐོར་གཏོང་རྒྱུའི་ཕུགས་འདུན་མངོན་འགྱུར་ཡོང་བར་གཞོགས་འདེགས་བྱེད་པར་ཆོད་སེམས་བརྟན་པོ་ཡོད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདུན་པ་ཆེན་པོ་ཅན་ཞིག་ལ་རེ་བ་བྱེད་ཀྱི་ཡོད།

ལས་ཀའི་ངོ་བོ།

འདེམས་ཐོན་བྱུང་བའི་ཉམས་ཞིབ་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་གནས་ཚུལ་གལ་ཆེན་རིགས་འཚོལ་བསྡུ་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་མཁན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བ་མིག་མཐོང་ལག་ཟིན་བྱུང་མཁན་རྣམས་ལ་བཅའ་འདྲི། འབྲེལ་ཡོད་རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ལ་སྤེལ་བའི་སྙན་ཐོའི་རིགས་ལ་རྟོག་ཞིབ་དང་།  ཉམས་ཞིབ།  སྙན་ཐོ་འབྲི་བ།  དེ་བཞིན་འདི་གའི་ཉམས་ཞིབ་ཁག་དང་མཉམ་རུབ་ཀྱིས་འདི་ག་ལྟེ་གནས་ཁང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་གནད་ལ་སྨིན་པའི་ལས་འགུལ་གྱི་འཆར་གཞི་བཟོ་སྒྲིག་དང་ལག་བསྟར་ཡོང་ཐབས་ཅི་དགེ་གནང་རྒྱུ་བཅས་ཡིན།

འདི་གར་འཚང་སྙན་འབུལ་མཁན་ཚོས་གཤམ་གྱི་དགོས་ངེས་ཡིག་ཆ་ཁག་འདི་གར་འབུལ་དགོས།

༡། སྙན་ཞུའི་ཡི་གེ།

༢། ངོ་སྤྲོད་ཡི་གེ།

༣། དག་མཆན་འཁོད་པའི་སློབ་མཐར་ཕྱིན་པའི་དཔང་ཡིག་དང་རྒྱུགས་འབྲས་ངོ་བཤུས།

༤། དག་མཆན་འཁོད་པའི་བོད་མིའི་དྭངས་བླང་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༥། དག་མཆན་འཁོད་པའི་སྐྱབས་བཅོལ་ལག་དེབ་ RC ཤོག་ངོས་དང་པོ་དང་ཤོག་ངོས་མཐའ་མའི་ངོ་བཤུས།

༦། ཁུངས་གཞན་དུ་ཕྱག་ལས་གནང་བཞིན་ཡོད་ཚེ་། དེ་ཁུངས་ནས་དགག་བྱ་མེད་པའི་དག་མཆན་འཁོད་པའི་ཡི་གེའི་ངོ་བཤུས།

སྙན་ཞུ་འབུལ་ཡུལ།

འདི་གའི་ལས་འཆར་དོ་དམ་པ་བསྟན་འཛིན་ཟླ་བ། གློག་འཕྲིན་ཁ་བྱང། [email protected] or +91892 223363

གསལ་བཤད། སྙན་ཞུ་འབུལ་མཁན་མང་དྲག་པའམ་འདི་གའི་དགོས་མཁོར་འགྱུར་བ་བྱུང་ཚེ། སྙན་ཞུ་འབུལ་བའི་དུས་ཚེས་མ་གཙང་གོང་མཚམས་འཇོག་ཐག་གཅོད་བྱེད་དབང་ཆ་ཚང་འདིག་ལྟེ་གནས་ཁང་ལ་ཡོད་པས་ཐུགས་འཇག་འཚལ།

བོད་ཀྱི་འགྲོ་བ་མིིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།

ཕྱི་ལོ་༢༠༢༤ཟླ༡༢ཚེས་༣ཉིན།

to top