རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིན་ཁི་ལེ་ཡི་ཁྲིམས་རྩོད་ལག་འཁྱེར་བསྐྱར་གསོ་བྱ་དགོས།

ཉེ་ལམ་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་རྒྱ་ནག་པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིན་ཁི་ལེ་ཡི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་འདུག་པ་ནི་ཧ་ཅང་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པ་མ་ཟད་ཞི་ཅིན་ཕིང་ཐོག་མར་སྲིད་འཛིན་ཆགས་པ་ནས་བཟུང་“ཁྲིམས་ཀྱི་དབང་བསྒྱུར་”ཡོང་ཐབས་བྱ་རྒྱུ་ཡིན་ཟེར་བ་ཚིག་སྐམ་པོ་ཙམ་ལས་ལག་ལེན་ཐོག་ལྡོག་ཕྱོགས་སུ་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད།

རྒྱ་ནག་ནང་དོན་དམ་པའི་ཁྲིམས་ཀྱི་དབང་བསྒྱུར་ཞིག་ཡོང་བར་བྱེད་པ་ལ་གནད་དོན་ཅི་འདྲ་ཞིག་ལ་ཐུག་རུང་འཛེམ་ཟོན་མེད་པར་མནར་གཅོད་མྱོང་མཁན་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ལིན་ཁི་ལེ་ལྟ་བུ་ནི་མེད་ཐབས་མེད་པ་ཡིན་པས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཁོང་གི་ཁྲིམས་རྩོད་ཐོབ་ཐང་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན། 

ཁྲིམས་རྩོད་པ་ལིན་གྱིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ པའི་ནང་ཐེ་ཝན་དུ་བྲོས་བྱོལ་སྐབས་རྒྱ་ནག་གི་མཚོ་སྲུང་དམག་གིས་འཇུ་བཟུང་བྱས་པའི་“ཧོང་ཀོང་གི་ལས་འགུལ་བ་བཅུ་གཉིས་”ཀྱི་ནང་གི་རང་ལོ་ ༡༨ ཡིན་པའི་ཧོང་ཀོང་གཙུག་ལག་སློབ་གྲྭའི་སློབ་མ་ཀོག་ཚེ་ལུན་གྱི་ཁྲིམས་རྩོད་པ་བྱས་ཤིང་ཁོང་ནི་གནད་དོན་དེའི་ཐོག་ཁྲིམས་རྩོད་བྱས་ནས་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཤོར་མཁན་གསུམ་པ་དེ་ཆགས་ཡོད།  ཧོང་ཀོང་གི་མང་གཙོ་དོན་གཉེར་བ་བཅུ་གཉིས་པོར་ཁྲིམས་རྩོད་བྱས་ནས་ལག་ཁྱེར་ཤོར་མཁན་གྱི་ཁྲིམས་རྩོད་པ་གཞན་གཉིས་ནི་ལུ་སི་ཝེ་དང་རེན་ཁཱན་ནུའུ་རེད།

ཁྲིམས་རྩོད་པ་ལིན་ལགས་ཀྱིས་མི་ལོ་བཅུ་ལྷག་གི་རིང་ཁྲིམས་རྩོད་བྱས་པའི་སྐབས་སུ་རྒྱ་ནག་གཞུང་ངོས་ནས་ཧ་ཅང་ཚོར་བ་སྐྱེན་པོར་བརྩི་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གཉའ་གནོན་ཐེབས་པའི་ཆོས་ལུགས་ཀྱི་སྡེ་ཁག  ཁོར་ཡུག་སྲུང་སྐྱོབ་པ།  མང་གཙོ་དོན་གཉེར་བ། ཐོབ་ཐང་དང་ཆེ་མཐོང་རྩོད་མཁན་གྱི་མི་མང་དཀྱུས་མ་སོགས་ལ་ཁྲིམས་རྩོད་བྱས་ཡོད།

ཁོང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་གཅིག་ལའང་ཁྲིམས་རྩོད་བྱས་ཡོད། རྒྱ་ནག་གི་བཙོན་འོག་ཏུ་ལོ་ལྔ་བསྡད་ནས་འདི་ལོ་གློད་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་དང་དུས་བཀག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲ་ལགས་གཉིས་ཀྱི་ཁྲིམས་རྩོད་པའང་ཁོང་ཡིན། 

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བར་དྲག་གནོན་བྱས་ཏེ་ “༧༠༩ དོན་རྐྱེན་”བསླངས་པའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ ༢༠༠ ལྷག་འཇུ་བཟུང་བྱས་པའི་སྐབས་སུ་ཁྲིམས་རྩོད་པ་ལིན་གྱིས་འཇུ་བཟུང་ཐེབས་པའི་རིགས་མཐུན་ཁྲིམས་རྩོད་པ་རྣམས་ཀྱི་ངོ་ཚབ་བྱས་ཏེ་ཁྲིམས་གཏུག་བྱས་པ་རེད།  

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་“རྒྱལ་ཁབ་ཀྱི་གསང་བའི”གནད་དོན་དང་འབྲེལ་བར་བསྙད་དེ་ཁྲིམས་རྩོད་པ་ལིན་ལགས་རྒྱ་ནག་དང་ཁ་འབྲལ་མི་ཆོག་པ་བཟོས། ཁོང་གིས་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་བྱེད་པའི་“ཝེ་ཁུན་ལས་འགུལ་”གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་ཀུའོ་ཧྥེ་ཞུང་ལགས་ཀྱི་ངོ་ཚབ་ཀྱང་བྱས་མྱོང་།  ཝེ་ཁུན་ལས་འགུལ་གྱིས་ ༢༠༠༨ ལོའི་བོད་ཀྱི་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོའི་ཁྲོད་བོད་མི་བརྒྱ་ཕྲག་མང་པོ་འཇུ་བཟུང་བཙོན་འཇུག་བྱས་པའི་སྐབས་སུ་བོད་མི་ཚོར་ཁྲིམས་རྩོད་ཀྱི་རོགས་རམ་བྱས་ཡོད།

འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་ཀྱིས་བོད་མི་ཚོར་ཁྲིམས་རྩོད་ཀྱི་རོགས་རམ་བྱས་པར་བཀའ་དྲིན་མཚོན་བྱེད་དུ་དམིགས་བསལ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་ཞུས་ཡོད།

ད་སྐབས་སྐུ་ཞབས་ལིན་གྱི་ཁྲིམས་རྩོད་ལག་ཁྱེར་ཕྱིར་བསྡུ་བྱས་པ་ནི་ཁོང་ལ་བསམ་བཞིན་དུ་བསྙས་བཅོས་དང་འཇིགས་སྐུལ་བྱས་པ་རེད་ལ་ཐ་ཤལ་གྱི་བྱ་སྤྱོད་འདིས་ཁོང་དང་ཁོང་གི་ནང་མིའི་ལུས་སེམས་ཀྱི་བདེ་ཐང་དང་རྒྱུ་དངོས་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་སྤྲད་ཡོད།  དེ་ཙམ་མ་ཟད་འདི་ནི་ཁོང་གིས་ངོ་ཚབ་བྱས་པའི་གཉའ་གནོན་འོག་གི་མི་རྣམས་ལའང་ཁྱད་གསོད་བྱས་པ་ཞིག་ཡིན། ཁྲིམས་རྩོད་པ་ལིན་གྱི་གཟའ་ཟླས་སྔ་མོ་ ༢༠༡༨ ལོ་ཙམ་ནས་ཁོང་ས་ཐག་རིང་སར་ཕྱིན་ཚེ་ག་དུས་ཡིན་ནའང་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་བརྙན་ལམ་དུ་བཤད་ཡོད་པ་རེད།

ཁྲིམས་རྩོད་པ་ལིན་གྱི་ཁྲིམས་དོན་ལས་ཁུངས་“པེ་ཅིང་རུའི་ཀེ་”ཟེར་བ་ ༢༠༡༨ ནས་གཞུང་གི་ལོ་འཁོར་རྩིས་ཐོའི་ནང་ངོས་ལེན་མ་བྱས་པ་མ་ཟད་འདི་ལོ་ཕྱི་ཟླ་ ༤་པའི་ནང་དངོས་སུ་སྒོ་བརྒྱག་ཏུ་བཅུགས་ནས་ཁྲིམས་རྩོད་ཀྱི་ཞབས་ཞུ་སྤེལ་མི་ཐུབ་པ་བཟོས་འདུག 

པེ་ཅིན་ཁྲིམས་འཛིན་ལས་ཁུངས་ཀྱི་བརྡ་ཐོའི་ནང་དུ་སྲིད་གཞུང་གིས་ཁོང་གི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་པའི་ཐག་གཅོད་དེར་མོས་མཐུན་མེད་ན་པེ་ཅིན་གྲོང་ཁྱེར་སྲིད་གཞུང་ལས་ཁུངས་སུ་འཛིན་སྐྱོང་ལག་བསྟར་ལས་གཞི་བསྐྱར་ཞིབ་ཀྱི་རེ་སྐུལ་ཞུ་ཆོག་པ་དང་པེ་ཅིན་གྲོང་ཁྱེར་ཤར་ཀྲོའི་ཁྲིམས་ཁང་དུ་ཁྲིམས་གཏུག་ཀྱང་བྱ་ཆོག་ཅེས་འཁོད་འདུག

ཁྲིམས་རྩོད་པ་ལིན་གྱིས་རང་ཉིད་རྒྱ་ནག་གི་ཁྲིམས་ལ་ཡིད་ཆེས་བརླག་ཟིན་པ་ཡིན་ནའང་བྱ་ཐབས་གཞན་གང་ཡང་མེད་པས་ཅིས་ཀྱང་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་བཤད་འདུག

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༢༠ ལོར་འདོན་སྤེལ་བྱས་པའི་“བོད་ནང་དྲང་བཞག་གི་ཁྲིམས་བཤེར་ཡོང་བར་འགོག་རྐྱེན་”ཞེས་པའི་དམིགས་བསལ་སྙན་ཐོའི་ནང་ཁྲིམས་རྩོད་པ་ལིན་ལགས་སུ་བཅར་འདྲི་བྱས་ཡོད་ཅིང་ཁོང་གིས་སྐབས་དེ་དུས་ཀྱང་རྒྱ་ནག་གི་ཁྲིམས་ཀྱི་ལམ་ལུགས་ལ་ཡིད་ཆེས་བརླག་སོང་རབ་བཤད་ཡོད། 

“རྒྱ་ནག་གི་ཁྲིམས་ཁང་ནི་དམར་ཤོག་ཚོགས་པའི་ཡན་ལག་ལྷན་ཁང་ཞིག་རེད། དེ་ནི་གྲི་ཡི་ཡུ་བ་ལྟ་བུ་རེད། དེ་ལ་ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ཁྲིམས་བཤེར་ཞིག་ཡོད་ཀྱང་མེད་ལ་ཡོང་ཐབས་ཀྱང་མེད། དེས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་ཀྱི་འདུག”ཅེས་གསུངས་འདུག

ཉེ་ལམ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གི་“རྩོད་ལེན་པའི་ཐོབ་ཐང་སྲུང་སྐྱོབ་དང་ཁྲིམས་རྩོད་ངོ་ཚབ་ཀྱི་ཁྲིམས་གཏུག་ཐོབ་ཐང་མཐོར་འདེགས་གཏོང་བར་”དམིགས་པ་ཡིན་ཟེར་ནས་“(ཕྱི་ལོ་ ༢༠༢༠ ནས་ ༢༠༢༥) རྒྱ་ནག་ནང་ཁྲིམས་ཀྱིས་དབང་བསྒྱུར་གྱི་ལམ་ལུགས་འཛུགས་རྒྱུའི་འཆར་འགོད”ཟེར་བའི་ཡིག་ཆ་ཞིག་འདོན་སྤེལ་བྱས་པའི་ནང་“རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱིས་དབང་བསྒྱུར་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་ཡིན་ཞིང་སྤྱི་དམངས་ཀྱི་མཁར་དབང་དང་ཐོབ་ཐང་སྲུང་སྐྱོབ་ཁག་ཐེག་བྱ་རྒྱུ་ཡིན། ཁྲིམས་མི་དང་ཚོགས་སྡེ་གཞན་རྣམས་ལ་ཁྲིམས་མཐུན་གྱི་རྒྱུ་མཚན་མེད་པར་ཁོང་ཚོའི་ལས་དོན་ལ་གང་བྱུང་དུ་ཚོད་འཛིན་དང་བཀག་སྡོམ་མི་བྱེད་”ཅེས་འཁོད་འདུག

རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ལིན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གཞན་དག་ཚོའི་ཁྲིམས་རྩོད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པ་དེས་ཧ་ཅང་ཉམས་ང་བའི་རྒྱ་ནག་གི་ཐོབ་ཐང་རྩོད་ལེན་ལམ་ལུགས་ལ་དགྱེལ་བའི་ཐོག་ཏུ་རྡོག་བརྫིས་བཏང་བ་དང་གཅིག་མཚུངས་སུ་གྱུར་ཡོད་ལ་གྲངས་ཉུང་མི་རིགས་གཙོས་གཉའ་གནོན་མྱོང་མཁན་གྱི་མི་རྣམས་ལ་ཁྲིམས་ཀྱི་སྲུང་སྐྱོབ་དང་དྲང་བཞག་གི་ཁྲིམས་བཤེར་ཐོབ་རྒྱུར་འགོག་རྐྱེན་སྔར་ལས་ཀྱང་ཇེ་མང་དུ་ཕྱིན་ཡོད། 

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིན་ཁུ་ལེ་ཡི་ཁྲིམས་རྩོད་ལག་ཁྱེར་བསྐྱར་གསོ་བྱ་དགོས།

ཉེ་ལམ་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་རྒྱ་ནག་པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིན་ཁི་ལེ་ཡི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་འདུག་པ་ནི་ཧ་ཅང་ནོར་འཁྲུལ་ཆེ་བའི་ཐག་གཅོད་ཅིག་ཡིན་པ་མ་ཟད་ཞི་ཅིན་ཕིང་ཐོག་མར་སྲིད་འཛིན་ཆགས་པ་ནས་བཟུང་“ཁྲིམས་ཀྱི་དབང་བསྒྱུར་”ཡོང་ཐབས་བྱ་རྒྱུ་ཡིན་ཟེར་བ་ཚིག་སྐམ་པོ་ཙམ་ལས་ལག་ལེན་ཐོག་ལྡོག་ཕྱོགས་སུ་འགྲོ་བཞིན་པ་དངོན་གསལ་དོད་པོ་ཆགས་ཡོད།

རྒྱ་ནག་ནང་དོན་དམ་པའི་ཁྲིམས་ཀྱི་དབང་བསྒྱུར་ཞིག་ཡོང་བར་བྱེད་པ་ལ་གནད་དོན་ཅི་འདྲ་ཞིག་ལ་ཐུག་རུང་འཛེམ་ཟོན་མེད་པར་མནར་གཅོད་མྱོང་མཁན་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ལིན་ཁི་ལེ་ལྟ་བུ་ནི་མེད་ཐབས་མེད་པ་ཡིན་པས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཁོང་གི་ཁྲིམས་རྩོད་ཐོབ་ཐང་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན། 

ཁྲིམས་རྩོད་པ་ལིན་གྱིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ པའི་ནང་ཐེ་ཝན་དུ་བྲོས་བྱོལ་སྐབས་རྒྱ་ནག་གི་མཚོ་སྲུང་དམག་གིས་འཇུ་བཟུང་བྱས་པའི་“ཧོང་ཀོང་གི་ལས་འགུལ་བ་བཅུ་གཉིས་”ཀྱི་ནང་གི་རང་ལོ་ ༡༨ ཡིན་པའི་ཧོང་ཀོང་གཙུག་ལག་སློབ་གྲྭའི་སློབ་མ་ཀོག་ཚེ་ལུན་གྱི་ཁྲིམས་རྩོད་པ་བྱས་ཤིང་གནད་དོན་དེའི་ཐོག་ཁྲིམས་རྩོད་བྱས་ནས་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཤོར་མཁན་གསུམ་པ་དེ་ཆགས་ཡོད།  ཧོང་ཀོང་གི་མང་གཙོ་དོན་གཉེར་བ་བཅུ་གཉིས་པོར་ཁྲིམས་རྩོད་བྱས་ནས་ལག་ཁྱེར་ཤོར་མཁན་གྱི་ཁྲིམས་རྩོད་པ་གཞན་གཉིས་ནི་ལུ་སི་ཝེ་དང་རེན་ཁཱན་ནུའུ་རེད།

སྐུ་ཞབས་ལིན་ལགས་ཀྱིས་མི་ལོ་བཅུ་ལྷག་གི་རིང་ཁྲིམས་རྩོད་བྱས་པའི་རིང་རྒྱ་ནག་གཞུང་ངོས་ནས་ཧ་ཅང་ཚོར་བ་སྐྱེན་པོར་བརྩི་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གཉའ་གནོན་ཐེབས་པའི་ཆོས་ལུགས་ཀྱི་སྡེ་ཁག  ཁོར་ཡུག་སྲུང་སྐྱོབ་པ།  མང་གཙོ་དོན་གཉེར་བ། ཐོབ་ཐང་དང་ཆེ་མཐོང་རྩོད་མཁན་གྱི་མི་མང་དཀྱུས་མ་སོགས་ལ་ཁྲིམས་རྩོད་བྱས་ཡོད།

ཁོང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་གཅིག་ལའང་ཁྲིམས་རྩོད་བྱས་ཡོད། རྒྱ་ནག་གི་བཙོན་འོག་ཏུ་ལོ་ལྔ་བསྡད་ནས་འདི་ལོ་གློད་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་དང་དུས་བཀག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲ་ལགས་གཉིས་ཀྱི་ཁྲིམས་རྩོད་པའང་ཁོང་ཡིན། 

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བར་དྲག་གནོན་བྱས་ཏེ་ “༧༠༩ དོན་རྐྱེན་”བསླངས་པའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ ༢༠༠ ལྷག་འཇུ་བཟུང་བྱས་པའི་སྐབས་སུ་ཁྲིམས་རྩོད་པ་ལིན་གྱིས་འཇུ་བཟུང་ཐེབས་པའི་རིགས་མཐུན་ཁྲིམས་རྩོད་པ་རྣམས་ཀྱི་ངོ་ཚབ་བྱས་ཏེ་ཁྲིམས་གཏུག་བྱས་པ་རེད།  

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་“རྒྱལ་ཁབ་ཀྱི་གསང་བའི”གནད་དོན་དང་འབྲེལ་བར་བསྙད་དེ་ཁྲིམས་རྩོད་པ་ལིན་ལགས་རྒྱ་ནག་དང་ཁ་འབྲལ་མི་ཆོག་པ་བཟོས། ཁོང་གིས་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་བྱེད་པའི་“ཝེ་ཁུན་ལས་འགུལ་”གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་ཀུའོ་ཧྥེ་ཞུང་ལགས་ཀྱི་ངོ་ཚབ་ཀྱང་བྱས་མྱོང་།  ཝེ་ཁུན་ལས་འགུལ་གྱིས་ ༢༠༠༨ ལོའི་བོད་ཀྱི་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོའི་ཁྲོད་བོད་མི་བརྒྱ་ཕྲག་མང་པོ་འཇུ་བཟུང་བཙོན་འཇུག་བྱས་པའི་སྐབས་སུ་བོད་མི་ཚོར་ཁྲིམས་རྩོད་ཀྱི་རོགས་རམ་བྱས་ཡོད།

འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་ཀྱིས་བོད་མི་ཚོར་ཁྲིམས་ཀྱིས་རྩོད་ཀྱི་རོགས་རམ་བྱས་པར་བཀའ་དྲིན་མཚོན་བྱེད་དུ་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་ཞུས་ཡོད།

ད་སྐབས་སྐུ་ཞབས་ལིན་གྱི་ཁྲིམས་རྩོད་ལག་ཁྱེར་ཕྱིར་བསྡུ་བྱས་པ་ནི་ཁོང་ལ་བསམ་བཞིན་དུ་བསྙས་བཅོས་དང་འཇིགས་སྐུལ་བྱས་པ་རེད་ལ་ཐ་ཤལ་གྱི་བྱ་སྤྱོད་འདིས་ཁོང་དང་ཁོང་གི་ནང་མིའི་ལུས་སེམས་ཀྱི་བདེ་ཐང་དང་རྒྱུ་དངོས་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་སྤྲད་ཡོད།  དེ་ཙམ་མ་ཟད་འདི་ནི་ཁོང་གིས་ངོ་ཚབ་བྱས་པའི་གཉའ་གནོན་འོག་གི་མི་རྣམས་ལའང་ཁྱད་གསོད་བྱས་པ་ཞིག་ཡིན། ཁྲིམས་རྩོད་པ་ལིན་གྱི་གཟའ་ཟླས་སྔ་མོ་ ༢༠༡༨ ལོ་ཙམ་ནས་བརྙན་ལམ་དུ་ཁོང་ས་ཐག་རིང་སར་ཕྱིན་ཚེ་ག་དུས་ཡིན་ནའང་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་བཤད་ཡོད་པ་རེད།

སྐུ་ཞབས་ལིན་གྱི་ཁྲིམས་དོན་ལས་ཁུངས་“པེ་ཅིང་རུའི་ཀེ་”ཟེར་བ་ ༢༠༡༨ ནས་ལོ་འཁོར་རྩིས་ཐོའི་ནང་ངོས་ལེན་མ་བྱས་པ་མ་ཟད་འདི་ལོ་ཕྱི་ཟླ་ ༤་པའི་ནང་དངོས་སུ་སྒོ་བརྒྱག་ཏུ་བཅུགས་ནས་སྐུ་ཞབས་ལིན་གྱིས་ཁྲིམས་རྩོད་ཞབས་ཞུ་སྤེལ་མི་ཐུབ་པ་བཟོས་འདུག 

པེ་ཅིང་ཁྲིམས་འཛིན་ལས་ཁུངས་ཀྱི་བཀོད་ཁྱབ་ནང་དུ་ཁྲིམས་རྩོད་པ་ལིན་གྱིས་ཁོང་གི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་པའི་ཐག་གཅོད་དེར་མོས་མཐུན་མེད་ན་པེ་ཅིན་གྲོང་ཁྱེར་སྲིད་གཞུང་ལས་ཁུངས་སུ་འཛིན་སྐྱོང་ལག་བསྟར་ལས་གཞི་བསྐྱར་ཞིབ་བྱ་རྒྱུའམ་ཡང་ན་པེ་ཅིན་གྲོང་ཁྱེར་ཤར་ཀྲོའི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་ཆོག་ཅེས་འཁོད་འདུག

ཁྲིམས་རྩོད་པ་ལིན་གྱིས་རང་ཉིད་རྒྱ་ནག་གི་ཁྲིམས་ལ་ཡིད་ཆེས་བརླག་ཟིན་པ་ཡིན་ནའང་བྱ་ཐབས་གཞན་གང་ཡང་མེད་པས་ཅིས་ཀྱང་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་བཤད་འདུག

འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༢༠ ལོར་འདོན་སྤེལ་བྱས་པའི་“བོད་ནང་དྲང་བཞག་གི་ཁྲིམས་བཤེར་ཡོང་བར་འགོག་རྐྱེན་”ཞེས་པའི་དམིགས་བསལ་སྙན་ཐོ་ཞིག་བཏོན་པའི་ནང་ཁྲིམས་རྩོད་པ་ལིན་ལགས་སུ་བཅར་འདྲི་བྱས་ཡོད་པས་ཁོང་གིས་སྐབས་དེ་དུས་ཀྱང་རྒྱ་ནག་གི་ཁྲིམས་ཀྱི་ལམ་ལུགས་ལ་ཡིད་ཆེས་བརླག་སོང་རབ་བཤད་ཡོད། 

“རྒྱ་ནག་གི་ཁྲིམས་ཁང་ནི་དམར་ཤོག་ཚོགས་པའི་ཡན་ལག་ལྷན་ཁང་ཞིག་རེད། དེ་ནི་གྲི་ཡི་ཡུ་བ་ལྟ་བུ་རེད། དེ་ལ་ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ཁྲིམས་བཤེར་ཞིག་ཡོད་ཀྱང་མེད་ལ་ཡོང་ཐབས་ཀྱང་མེད། དེས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད།”

to top